标签
ཕོ་སར་སྐྱེ་ས་རང་ཡུལ་རེད། ། br>
དཔའ་རྩལ་ངོམས་ས་གཞན་ཡུལ་རེད། ། br>
འདོ་བ་རྟ་ཕོའི་སྒལ་སྟེང་ན། ། br>
དགྲ་བོ་བརྒྱ་ཡི་སྙིང་རླུང་ཡོད། ། br>
གཡས་བལྟས་གཡས་ནས་སྒྲོས་རེ་དག ། br>
གཡོན་བལྟས་གཡོན་ནས་ངམ་རེ་རྫིག ། br>
ཕོ་སར་ཚར་ས་རང་ཡུལ་རེད། ། br>
སྐད་གྲགས་ཆོད་ས་གཞན་ཡུལ་རེད། ། br>
ཨ་སྔོན་འདྲ་ལེའི་བྲང་ཁོག་ན། ། br>
མདའ་གྲི་ཤོང་སའི་གློ་སྙིང་ཡོད། ། br>
ཡར་སོང་ཡར་ལ་ཉམས་རེ་དགའ། ། br>
མར་སོང་མར་ལ་བག་རེ་བྲོ། ། br>
ཕོ་སར་འཁོར་ས་རང་ཡུལ་རེད།། ། br>
ལྟད་མོ་ལྟ་ས་རྒྱལ་ཁམས་རེད། ། br>
དྲུག་འགྱུར་གླུ་ཡི་ངག་སྣེ་ན། ། br>
མཛེས་མ་བརྒྱ་ཡི་སེམས་པ་ཡོད། ། br>
ཕར་བལྟས་ཕར་ནས་ཡིད་རེ་འོང་། ། br>
ཚུར་བལྟས་ཚུར་ནས་སྣང་རེ་སྐྱིད། ། br>
ཕོ་སར་དུངས་ས་རང་ཡུལ་རེད། ། br>
མགོ་རྣ་རྩེ་ས་མི་ཡུལ་རེད། ། br>
ཕོ་གཏམ་ཚིག་གི་སྔ་གཞུག་ན། ། br>
མི་སེམས་འགུག་པའི་ཁ་ཤེད་ཡོད། ། br>
ནང་བལྟས་ནང་ནས་གཤིས་རེ་འཇམ། ། br>
ཕྱི་བལྟས་ཕྱི་ནས་དབུ་རེ་མཐོ། ། br>
ཕོ་སར་སྐྱེ་ས་རང་ཡུལ། ། br>
དཔའ་རྩལ་ངོམས་ས་གཞན་ཡུལ། ། br>
འདོ་བ་རྟ་ཕོའི་སྒལ་སྟེང་ན། ། br>
དགྲ་བོ་བརྒྱ་ཡི་སྙིང་རླུང་ཡོད། ། br>
ཨ་སྔོན་འདྲ་ལེའི་བྲང་ཁོག་ན། ། br>
མདའ་གྲི་ཤོང་སའི་གློ་སྙིང་ཡོད། ། br>
ཡར་སོང་ཡར་ལ་བཀྲ་རེ་ཤིས།། ། br>
ཀི་ཧེ་ཧེ། br>
ཕོ་སར་སྐྱེ་ས་རང་ཡུལ་རེད། ། br>
དཔའ་རྩལ་ངོམས་ས་གཞན་ཡུལ་རེད། ། br>
འདོ་བ་རྟ་ཕོའི་སྒལ་སྟེང་ན། ། br>
དགྲ་བོ་བརྒྱ་ཡི་སྙིང་རླུང་ཡོད། ། br>
གཡས་བལྟས་གཡས་ནས་སྒྲོས་རེ་དག ། br>
གཡོན་བལྟས་གཡོན་ནས་ངམ་རེ་རྫིག ། br>
ཕོ་སར་ཚར་ས་རང་ཡུལ་རེད། ། br>
སྐད་གྲགས་ཆོད་ས་གཞན་ཡུལ་རེད། ། br>
ཨ་སྔོན་འདྲ་ལེའི་བྲང་ཁོག་ན། ། br>
མདའ་གྲི་ཤོང་སའི་གློ་སྙིང་ཡོད། ། br>
ཡར་སོང་ཡར་ལ་ཉམས་རེ་དགའ། ། br>
མར་སོང་མར་ལ་བག་རེ་བྲོ། ། br>
ཕར་བལྟས་ཕར་ནས་ཡིད་རེ་འོང་། ། br>
ནང་བལྟས་ནང་ནས་གཤིས་རེ་འཇམ། ། br>
ཕྱི་བལྟས་ཕྱི་ནས་དབུ་རེ་མཐོ། ། br>
གཡས་བལྟས་གཡས་ནས་སྒྲོས་རེ་དག ། br>
གཡོན་བལྟས་གཡོན་ནས་ངམ་རེ་རྫིག ། br>